Warning: "continue" targeting switch is equivalent to "break". Did you mean to use "continue 2"? in /home/kuntuzan7086/public_html/gankyil.org/wp-content/themes/layerswp/core/helpers/post.php on line 59

Warning: "continue" targeting switch is equivalent to "break". Did you mean to use "continue 2"? in /home/kuntuzan7086/public_html/gankyil.org/wp-content/themes/layerswp/core/helpers/post.php on line 78
因緣心要論頌 Verses on the Heart of Dependent Origination
Close

因緣心要論頌 Verses on the Heart of Dependent Origination

Verses on the Heart of Dependent Origination 〈因緣心要論頌〉

༄༅། །རྒྱ་གར་སྐད་དུ། པྲ་ཏི་ཏྱ་ས་མུ་ཏཔ་ད་ཧྲི་ད་ཡ་ཀཱ་རི་ཀཱ། ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ།   འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡན་ལག་བྱེ་བྲག་བཅུ་གཉིས་གང། །ཐུབ་པས་རྟེན་འབྱུང་གསུངས་དེ་དག ། ཉོན་མོངས་ལས་དང་སྡུག་བསྔལ་དང། ། གསུམ་པོ་དག་ཏུ་ཟད་པར་འདུས། ། དང་པོ་བརྒྱད་དང་དགུ་ཉོན་མོངས། ། གཉིས་དང་བཅུ་པ་ལས་ཡིན་ཏེ། ། ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། ། བཅུ་གཉིས་ཆོས་ནི་གསུམ་དུ་འདུས། ། གསུམ་པོ་དག་ལས་གཉིས་འབྱུང་སྟེ། ། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང། ། གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། ། ཉིད་ནི་ཡང་དང་ཡང་དུ་འཁོར། ། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། ། འདི་ལ་སེམས་ཅན་ཅི་ཡང་མེད། ། སྟོང་པ་ཁོ་ནའི་ཆོས་རྣམས་ལས། ། སྟོང་པའི་ཆོས་རྣམས་འབྱུང་བ་ཟད། ། བདག་དང་བདག་གི་མེད་པའི་ཆོས། ། ཁ་ཐོན་མར་མེ་མེ་ལོང་རྒྱ། ། མེ་ཤེལ་ས་བོན་སྐྱུར་དང་སྒྲས། ། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང། ། མི་འཕོ་བར་ཡང་མཁས་རྟོགས་བྱ། ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང། […]

Read More